作词 : GAZO
作曲 : GAZO
编曲 : REMIX
Translate:措姆
གངས་རིའི་འདབས་ན་བཞད་པའི་མེ་ཏོག
ཁ་བའི་འདབ་མ་ས་སྒང་འདི་རུ་ལྷུང་།
གཡང་དཀར་ལུག་དང་འགྲོགས་པའི་བུ་མོ།
རྟ་ཕོ་དབང་ཀྱིས་ཕྱུག་པའི་བུ་ཕོ།
ང་གཉིས་འཚོ་བ་སྔར་བཞིན་རོལ།
ང་གཉིས་ལྷན་དུ་ཡོད།×3
བདེ་སྐྱིད་སྤང་རྒྱན་མེ་ཏོག་གི་དྲི་མ་ཡངས་བའི་རྩྭ་ཐང་ལ་ཁྱབ་ཅིང་།
གཙང་ཆབ་སྔོན་མོ་ཡི་བཞུར་རྒྱུན་ལ་ལྡོག་ཐབས་མི་འདུག
ཁྲི་གདུགས་གི་ཚ་ངར་གྱི་ལུས་ཀྱི་རྔུལ་ཆུ་བར་མེད་དུ་བཙིར།
ངུ་སྐད་ཀྱི་བདག་གི་འདུན་པ་ཆེ།
ཐ་མ་ཁའི་ཁུ་བ་མཐོང་ཡང་ངལ་དུབ་ཀྱི་གོམ་པ་ག་ལ་སོང་།
ཨ་རག་གིས་ཕོར་ཐུག་བརྒྱབ་ནས།
སྡུག་གྲོགས་དང་ལྷན་དུ་ཚེ་སྲོག་གི་མེ་ལྕེ་བསད་སོང་།
ལོ་ཟླ་དེ་མང་པོ་ཞིག་འགོར་བྱུང་།
འོན་ཀྱང་འདི་ནི་ང་ལ་དགོས་པའི་མཇུག་འབྲས་དེ་མ་ཡིན།
འདི་ནི་བདག་གི་ལས་དབང་ཡིན་ནམ་རྒྱུ་དང་འདུས་པའི་སྨོན་པ་དེ་ཡིན།
འཚོ་བ་ལ་ཕྱིར་མིག་ཡང་བལྟས་མྱོང་།
མུན་ནག་སྐར་ཁུང་ནས་བལྟས་མྱོང་།
ཐ་མ་དང་ཨ་རག་གའི་ལོ་ཟླ་བསྐྱེད་ཅིང་།
འདོད་པའི་རྟ་བོ་ལ་ཁལ་མ་དེ་རྒྱག་མ་ཐུབ།
ལྷིང་འཇགས་གི་ཁོར་ཡུག་ཞིག་ནས།
ཐ་མ་ཁའི་དུ་བ་མཚམས་མ་ཆད།
གངས་རིའི་འདབས་ན་བཞད་པའི་མེ་ཏོག
ཁ་བའི་འདབ་མ་ས་སྒང་འདི་རུ་ལྷུང་།
གཡང་དཀར་ལུག་དང་འགྲོགས་པའི་བུ་མོ།
རྟ་ཕོ་དབང་ཀྱིས་ཕྱུག་པའི་བུ་ཕོ།
ང་གཉིས་འཚོ་བ་སྔར་བཞིན་རོལ།
ང་གཉིས་ལྷན་དུ་ཡོད།×3
མུན་ནག་གིས་མིག་ཟུང་བཏུམ།
དེ་བས་དཀར་ནག་གི་དབྱེ་བ་འབྱེད་མ་ཤེས།
རྒྱུ་འབྲས་ལ་རྡོག་རྫིས་བྱས།
དེ་ནས་བཟུང་ཁྱོད་བཀྲ་མི་ཤེས།
མི་རྟག་འཇིག་རྟེན་འདི་དོན་དངོས་ཡིན།
ལན་རེ་ལ་ཁྱོད་ལ་འཇབ་རྒོལ་བྱ།
***************
འདས་ཟིན་པའི་ལོ་དང་ཟླ།
Never come back
ཨ་རག་དང་འགྲོགས་ནས་བསྡད།
ཁ་བ་དང་བུ་ཡུག་འཚུབ་དུས།
དམར་རྗེན་དུ་ཕྱི་ནས་ལངས་ཀྱང།
སེམས་ཀྱི་གྲང་ངར་དེ་ལས་བཟོད་པར་དཀའ།
f***འཚོ་བ་སྔར་བཞིན་རོལ།
གངས་རིའི་འདབས་ནས་འཚོལ།
ཐ་མ་ཁོས་གང་ལྟར་གཅིག་རེ་གཉིས་རེ།
གློ་བ་དེ་སྣག་དུ་བཏུམས་ཀྱང་ཚོར་བ་དེ་དངོས་ནས་སོར།
ངས་དྲན་པའི་ཟིན་ཐོ་རྡོ་ལ་བརྐོས་ཡོད།
རྒྱུས་མེད་པའི་མི་ལ་ཚིག་གསུམ་བསྐུར་ཡོད།
ལས་དབང་གི་བདག་པོ།
ངས་ཁྱོད་ལ་རྒྱང་ནས་སྐྱབས་འཇུག་བྱས་ཡོད།
གངས་རིའི་འདབས་ན་བཞད་པའི་མེ་ཏོག
ཁ་བའི་འདབ་མ་ས་སྒང་འདི་རུ་ལྷུང་།
གཡང་དཀར་ལུག་དང་འགྲོགས་པའི་བུ་མོ།
རྟ་ཕོ་དབང་ཀྱིས་ཕྱུག་པའི་བུ་ཕོ།
ང་གཉིས་འཚོ་བ་སྔར་བཞིན་རོལ།
ང་གཉིས་ལྷན་དུ་ཡོད།×3